(请使用支持藏文的设备浏览)

ཟླ་བའི་གོ་ལ་ནི་སའི་གོ་ལའི་རང་བྱུང་འཁོར་སྐར་ཁོ་ན་ཡིན་ལ་ང་ཚོ་དང་ཐག་ཆེས་ཉེ་ཤོས་ཀྱི་སྐར་མའི་གོ་ལ་ཡིན། ཆ་སྙོམས་བྱས་ན་སའི་གོ་ལ་དང་བར་ཐག་སྟོང་སྨིས་ཁྲི་༣༨.༤༤ཡོད་པ་དང་ཚངས་ཐིག་ལ་སྟོང་སྨིས་༣༤༧༦ཡོད། ཟླ་བའི་གོ་ལས་རང་འཁོར་ཐེངས་གཅིག་རྒྱག་པའི་དུས་ཚོད་ནི་ཉིན་༢༧.༣༢༡༦༦ཡིན་པ་དང་དེ་ཡང་ཉིན་༢༧དང་ཆུ་ཚོད་༧དང་སྐར་མ་༤༣དང་སྐར་ཆ་༡༡.༤ཡིན། ཟླ་བའི་གོ་ལ་ནི་ད་ཕན་འགྲོ་བ་མིའི་སླེབས་མྱོང་བའི་སྐར་མའི་གོ་ལ་གཅིག་པུ་ཉིད་ཡིན།

ཟླ་བའི་ཐོག་གི་བྲག་རྡོ།

འཇེག་རྟེན་འཕུར་སྐྱོད་པ་དག་གིས་ཟླ་བའི་ཐོག་གི་བྲག་རྡོ་དང་ས་ཡི་མཚོན་དཔེ་སྟེང་ཁེ་༤༠༠ཙམ་སའི་གོ་ལའི་ཐོག་ཏུ་ཁྱེར་ཡོང་བ་རེད། ཁྱེར་ཡོང་བའི་གཏེར་རྫས་རིགས་༦༠ལ་ཚན་རིག་པས་ཞིབ་འཇུག་བྱས་ནས་དེའི་ནང་ནས་ཉུང་མཐར་རིགས༦ནི་སའི་གོ་ལའི་སྟེང་ན་མེད་པ་ཤ་སྟག་ཡིན་པ་རྟོགས།

ཟིན་ཐོ་འམ་དཔྱད་གཞི།

"བར་སྣང་དང་ནམ་ཟླ།" ༼ཀྲུང་གོའི་བྱིས་པའི་ཤེས་བྱ་ཀུན་བཏུས།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧

892px-Full_Moon_Luc_Viatour.jpg

ཉི་མའི་ཁྱིམ་རྒྱུད།

ཉི་མ། · ལྷག་པ། · པ་སངས། · སའི་གོ་ལ། · མིག་དམར། · ཕུར་བུ། · སྤེན་པ། · སྐར་མ་གནམ་རྒྱལ། · སྐར་མ་མཚོ་རྒྱལ།


相关文章:你不知道的月球真相

(请使用支持藏文的设备浏览)

Saturn

སྤེན་པ་ནི་རྒྱུ་སྐར་ཆེན་པོ་དགུ་ཡི་ནང་ནས་དངོས་པའི་གྲངས་ཚད་ཕུར་བུ་གོ་ན་ལས་ཆུང་བ་ཡིན་པ་དེ་སའི་གོ་ལའི་ལྡབ་༩༥ཡིན། སྤེན་པའི་གར་ཚད་ཀྱང་ཧ་ཅང་ཆུང་བ་སྟེ་སྤེན་པའི་དངོས་རྫས་ལི་སྨིས་གྲུ་བཞི་མ་༡གི་ལྗིད་ཚད་ཁེ་༠.༦༩མ་གཏོགས་མེད་པ་དེ་ཆུ་ལས་ཀྱང་ཡང་བ་རེད། སྤེན་པའི་རླུང་ཁམས་ཆེན་པོའི་བང་རིམ་ཧ་ཅང་མཐུག་པསང་ཚོས་ཐད་ཀར་དེའི་ཕྱི་ངོས་མཐོང་ཐུབ་ཀྱི་མེད། ཤེས་གསལ་ལ་སྤེན་པར་ཉུང་མཐར་ཡང་འཁོར་སྐར་༥༠ཡོད་པ་རེད།

སྤེན་པའི་གདུབ་ཀོར།

སྤེན་པའི་གདུབ་ཀོར་ནི་རྟོགས་སྔ་ཤོས་ཀྱི་རྒྱུ་སྐར་གདུབ་ཀོར་རེད་ལ། དུས་རབས་༡༧པར་ཚན་རིག་པས་སྤེན་པའི་གདུབ་ཀོར་ནི་ཆེ་ཆུང་མི་འདྲ་བའི་དངོས་པོ་རྡོག་རྡོག་མང་པོ་ལས་གྲུབ་པ་ར་སྤྲོད་བྱས། དེ་ནས་ལོ་ངོ་༣༠༠ལྷག་གི་རྗེས་སུ། སྤེན་པ་ལ་ཉེ་བར་བཅར་བའི་རྟོག་དཔྱོད་འཕྲུལ་ཆས་ཀྱིས་གང་ཞིག་གདུབ་ཀོར་ཡིན་པ་དང་གང་ཞིག་གདུབ་ཀོར་གྱི་སྲུབས་ཡིན་པ་ཁྱོན་ནས་གསལ་རྟོགས་བྱེད་ཐུབ་མེད།

ཟིན་ཐོ་འམ་དཔྱད་གཞི།

"བར་སྣང་དང་ནམ་ཟླ།" ༼ཀྲུང་གོའི་བྱིས་པའི་ཤེས་བྱ་ཀུན་བཏུས།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧

ཉི་མའི་ཁྱིམ་རྒྱུད།

ཉི་མ། · ལྷག་པ། · པ་སངས། · སའི་གོ་ལ། · མིག་དམར། · ཕུར་བུ། · སྤེན་པ། · སྐར་མ་གནམ་རྒྱལ། · སྐར་མ་མཚོ་རྒྱལ།

(请使用支持藏文的设备浏览)

Jupiter

ཕུར་བུའི་དངོས་པོའི་གྲངས་ཚད་ནི་སའི་གོ་ལའི་ལྡབ་༣༠༠ལྷག་ཡོད། ཕུར་བུའི་མཐའ་འཁོར་དུ་གར་ཚད་ཆེ་བའི་རླུང་ཁམས་ཆེན་པོའི་བང་རིམ་ཡོད་པ་དང་། དེའི་ཐོག་གི་དམར་ཐིག་ཆེན་པོ་དེ་ནི་ཕུར་བུའི་རླུང་ཁམས་ཆེན་པོའི་ནང་གི་ཆུ་འཁོར་རྣམ་པའི་རླུང་འཚུབ་ལྟེ་གནས་ཤིག་ཡིན་པ་དེ་མ་མཐར་ལོ་ངོ་༤༠༠ལྷག་ལ་གནས་བསྡད་པ་རེད་ལ། ཆེ་ཆུང་དང་ཁ་མདོག་ལ་རྒྱུན་ཆད་མེད་པར་འགྱུར་ལྡོག་འབྱུང་གི་ཡོད། ཕུར་བུའི་འཁོར་སྐར་དང་པོའི་ཐོག་ཏུ་མེ་རི་འཕྱུར་གྱི་ཡོད་པ་དང་། ད་རུང་མེ་རི་གསོན་པོའི་རྗེས་ཤུལ་ཡང་ཡོད་པ་རེད། ༡༩༧༩ལོར། ཕུར་བུའི་མཐའ་འཁོར་ན་ཕུརབུའི་གདུབ་གོར་སྲབ་མོ་ཞིག་ཡོད་པའང་རྟོགས་ཡོད།

ཕུར་བུའི་འཁོར་སྐར།

ཕུར་བུའི་འཁོར་སྐར་ཆེ་ཤོས་བཞི་ནི་༡༦༡༠ལོར་རྟོགས་པ་རེད། ཕུར་བུའི་འཁོར་སྐར་གསུམ་པ་ནི་ཉི་མའི་ཁྱིམ་རྒྱུད་ཀྱི་རྟོགས་ཟིན་པའི་འཁོར་སྐར་༡༥༠ལྷག་གི་ནང་ནས་ཆེས་ཆེ་བ་དེ་ཡིན་པ་དང་ཐ་ན་ལྷག་པ་དང་གཤིན་རྒྱལ་སྐར་མ་ལས་ཀྱང་ཆེ་བ་རེད།

ཟིན་ཐོ་འམ་དཔྱད་གཞི།

"བར་སྣང་དང་ནམ་ཟླ།" ༼ཀྲུང་གོའི་བྱིས་པའི་ཤེས་བྱ་ཀུན་བཏུས།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧


ཉི་མའི་ཁྱིམ་རྒྱུད།

ཉི་མ། · ལྷག་པ། · པ་སངས། · སའི་གོ་ལ། · མིག་དམར། · ཕུར་བུ། · སྤེན་པ། · སྐར་མ་གནམ་རྒྱལ། · སྐར་མ་མཚོ་རྒྱལ།

(请使用支持藏文的设备浏览)

The_sun1.jpg

ཉི་མའི་ཁྱིམ་རྒྱུད་ཀྱི་ལྟེ་གནས་གོ་ལ་ནི་ཉི་མ་ཡིན། དེ་ནི་ཚ་བ་ཆེ་བའི་རླུང་གཟུཊ་གོ་ལ་ཞིག་ཡིན་པ་དང་། ཚངས་ཐིག་ལ་ཕལ་ཆེར་སྟོང་ སྨིས་ཁྲི་༡༣༩.༢ ཡོད་པ་དང་། དངོས་པོའི་གྲངས་ཚད་ཕལ་ཆེར་ཏུན་དུང་ཕྱུར་དུང་ཕྱུར་༢༠༠༠ཡོད་པ་དེས་ཉི་མའི་ཁྱིམ་རྒྱུད་ཀྱི་སྐར་མའི་གོ་ལའི་སྤྱིའི་དངོས་པོའི་ལྗིད་ཚད་ ཀྱི་༩༩% ཟིན། ཉི་མ་ནི་ང་ཚོ་དང་ཆེས་ཉེ་བའི་བརྟན་སྐར་ཡིན་པས་ན། ཉི་འོད་སའི་གོ་ལའི་ཐོག་ཏུ་སླེབས་པར་ཕལ་ཆེར་དུས་ཚོད་སྐར་ཆ་༥༠༠ མ་གཏོགས་ མི་དགོས།

ཉི་མ་འགྲུབ་བྱེད་དངོས་རྫས།

ཉི་མའི་དངོས་པོའི་གྲངས་ཚད་༧༡% ནི་ཆིང་ཡིན་པ་དང་༢༧% ནི་ཧེལ་ཡིན། དབྱང་ཐཱན་ཏན་གསུམ་གྱི་གཞི་རྒྱུ་ནསྡོམས་ན་༡% ལྷག་ཙམ་མ་ གཏོགས་ཟིན་མེད་པ་དང་གཞི་རྒྱུ་རིགས་གཞན་དག་བཅུ་ཕྲག་ཁ་ཤས་ཀྱིས་ཟིན་པའི་དངོས་པོའི་གྲངས་ཚད་ནི་༡% ལའང་ཟིན་གྱི་མེད།

ཟིན་ཐོ་འམ་དཔྱད་གཞི།

"བར་སྣང་དང་ནམ་ཟླ།" ༼ཀྲུང་གོའི་བྱིས་པའི་ཤེས་བྱ་ཀུན་བཏུས།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧

ཉི་མའི་ཁྱིམ་རྒྱུད།

ཉི་མ། · ལྷག་པ། · པ་སངས། · སའི་གོ་ལ། · མིག་དམར། · ཕུར་བུ། · སྤེན་པ། · སྐར་མ་གནམ་རྒྱལ། · སྐར་མ་མཚོ་རྒྱལ།