(请使用支持藏文的设备浏览)

The_sun1.jpg

ཉི་མའི་ཁྱིམ་རྒྱུད་ཀྱི་ལྟེ་གནས་གོ་ལ་ནི་ཉི་མ་ཡིན། དེ་ནི་ཚ་བ་ཆེ་བའི་རླུང་གཟུཊ་གོ་ལ་ཞིག་ཡིན་པ་དང་། ཚངས་ཐིག་ལ་ཕལ་ཆེར་སྟོང་ སྨིས་ཁྲི་༡༣༩.༢ ཡོད་པ་དང་། དངོས་པོའི་གྲངས་ཚད་ཕལ་ཆེར་ཏུན་དུང་ཕྱུར་དུང་ཕྱུར་༢༠༠༠ཡོད་པ་དེས་ཉི་མའི་ཁྱིམ་རྒྱུད་ཀྱི་སྐར་མའི་གོ་ལའི་སྤྱིའི་དངོས་པོའི་ལྗིད་ཚད་ ཀྱི་༩༩% ཟིན། ཉི་མ་ནི་ང་ཚོ་དང་ཆེས་ཉེ་བའི་བརྟན་སྐར་ཡིན་པས་ན། ཉི་འོད་སའི་གོ་ལའི་ཐོག་ཏུ་སླེབས་པར་ཕལ་ཆེར་དུས་ཚོད་སྐར་ཆ་༥༠༠ མ་གཏོགས་ མི་དགོས།

ཉི་མ་འགྲུབ་བྱེད་དངོས་རྫས།

ཉི་མའི་དངོས་པོའི་གྲངས་ཚད་༧༡% ནི་ཆིང་ཡིན་པ་དང་༢༧% ནི་ཧེལ་ཡིན། དབྱང་ཐཱན་ཏན་གསུམ་གྱི་གཞི་རྒྱུ་ནསྡོམས་ན་༡% ལྷག་ཙམ་མ་ གཏོགས་ཟིན་མེད་པ་དང་གཞི་རྒྱུ་རིགས་གཞན་དག་བཅུ་ཕྲག་ཁ་ཤས་ཀྱིས་ཟིན་པའི་དངོས་པོའི་གྲངས་ཚད་ནི་༡% ལའང་ཟིན་གྱི་མེད།

ཟིན་ཐོ་འམ་དཔྱད་གཞི།

"བར་སྣང་དང་ནམ་ཟླ།" ༼ཀྲུང་གོའི་བྱིས་པའི་ཤེས་བྱ་ཀུན་བཏུས།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧

ཉི་མའི་ཁྱིམ་རྒྱུད།

ཉི་མ། · ལྷག་པ། · པ་སངས། · སའི་གོ་ལ། · མིག་དམར། · ཕུར་བུ། · སྤེན་པ། · སྐར་མ་གནམ་རྒྱལ། · སྐར་མ་མཚོ་རྒྱལ།

(请使用支持藏文的设备浏览)

ཉི་མའི་ཁྱིམ་རྒྱུད།

འཇིག་རྟེན་བར་སྣང་ཁམས་སུ་ཡོད་པའི་ཉི་མ་དང་ཉི་མས་འཐེན་ཤུགས་ཁོངས་ཀྱི་སྐར་མའི་གོ་ལའི་ཚོགས་ལ་གནམ་དཔྱད་རིག་པ་བས་ཉི་མའི་ཁྱིམ་རྒྱུད་ཟེར། ཉི་མ་ཕུད། ཉི་མའི་ཁྱིམ་རྒྱུད་ཀྱི་ཁོངས་གཏོགས་སྐར་མ་གཙོ་བོ་ནི་རྒྱུ་སྐར་ཆེན་པོ་དགུ་ཡོད་པ་སྟེ། ལྷག་པ་དང་པ་སངས། སའི་གོ་ལ། མིག་དམར། ཕུར་བུ། སྤེན་པ། སྐར་མ་གནམ་རྒྱལ། སྐར་མ་མཚོ་རྒྱལ། གཤིན་རྒྱལ་སྐར་མ་བཅས་སོ།། དེ་མིན་ད་དུང་རྒྱུ་སྐར་དམའ་མོ་དང་རྒྱུ་སྐར་ཆུང་བ། རྒྱུ་སྐར་དང་མཉམ་དུ་ཉི་མར་སྐོར་བ་རྒྱག་པའི་འཁོར་སྐར་དང་། སྐར་མ་དུ་བ་མཇུག་རིང་། སྐར་མདའི་ཕུང་པོ། སྐར་མའི་དབར་གྱི་དངོས་གཟུགས་བཅས་མང་པོ་ཡོད་པ་རེད། སྐར་མའི་གོ་ལ་སྣ་ཚོགས་ཀྱིས་ཉི་མར་སྐོར་བ་བརྒྱབ་ནས་འཁོར་སྐྱོད་བྱེད་སའི་འཁོར་ལམ་ཚང་མ་ནི་འཇོང་དབྱིབས་ཡིན། འཇོང་དབྱིབས་ལ་མདོ་གནས་གཉིས་ཡོད་དེ། ཉི་མ་དེའི་ནང་གི་མདོ་གནས་སྟེང་གི་གཅིག་ཡིན།

རྒྱུ་སྐར་ཆུང་བའི་རྒྱུད།

སའི་གོ་ལ་ནས་ཉི་མའི་བར་གྱི་ཆ་སྙོམས་བར་ཐག་དེར་གནམ་དཔྱད་རྩིས་གཞི་༡ཟེར། མིག་དམར་དང་ཕུར་བུ་གཉིས་སོ་སོ་བཞིན་ཉི་མ་ལས་བར་ཐག་གནམ་དཔྱད་རྩིས་གཞི་༡.༥༢དང་༥.༢༠ཡིན། རྒྱུ་སྐར་ཆུང་བའི་རྒྱུད་ནི་མིག་དམར་དང་ཕུར་བུའི་བར་དུ་ཡོད། ༩༧%ཡི་རྒྱུ་སྐར་ཆུང་བ་ཚང་མ་ཉི་མ་ལས་བར་ཐག་གནམ་དཔྱད་རྩིས་གཞི་༢.༠༦_༣.༦༥ཡི་ཁོངས་སུ་འདུས་ཡོད། འདི་ན་ཕལ་ཆེར་རྒྱུ་སྐར་ཆུང་བ་ཁྲི༥༠ཡོད་ཚོད་རེད།

1 au = 149 597 870 700 m

ཟིན་ཐོ་འམ་དཔྱད་གཞི།

"བར་སྣང་དང་ནམ་ཟླ།" ༼ཀྲུང་གོའི་བྱིས་པའི་ཤེས་བྱ་ཀུན་བཏུས།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧

ཉི་མའི་ཁྱིམ་རྒྱུད།

ཉི་མ། · ལྷག་པ། · པ་སངས། · སའི་གོ་ལ། · མིག་དམར། · ཕུར་བུ། · སྤེན་པ། · སྐར་མ་གནམ་རྒྱལ། · སྐར་མ་མཚོ་རྒྱལ།